༸སྐྱབས་རྗེ་འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་སྤྱི་ཟླ ༧ པའི་ནང་དུ་ཨ་རི་ས་སྐྱ་དགོན་པའི་ནང་དུ་ཆིབས་བསྒྱུར་གནང་འཆར་འདུག དེ་ཡང་དུས་ཚོད་ཐུང་ཐུང་ཞིག་གི་ནང་དུ་ནང་བསྟན་ཆོས་ལུགས་ལས་ཤི་གསོན་གྱི་གནད་དོན་ངོ་སྤྲོད་གནང་འཆར། (dharma for life and death) (生死之法) སྤྱི་ལོ ༢༠༡༨/༧/ ༢༢ ཉིན་སྔ་དྲོའི་ཆུ་ཚོད ༡༠:༣༠ ནས་ཉིན་དགུང་ཆུ་ཚོད ༡༢ བར་དུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེངྒེའི་གདོང་པ་ཅན་མཁའ་འགྲོ་མ་བྱེ་བ་འབུམ་སྡེའི་ལྷ་ཚོགས་འཁོར་བཅས་པའི་ལྷ་སྒོམ་སྔགས་བཟླས་ཀྱི་ཉམས་ལེན་ཇི་ལྟར་དགོས་མེད་དང་ཕན་ཡོན་ཇི་ལྟར་ཡོད་མེད་དང་། སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་ནས་ཡེ་ཤེས་མཁའ་འགྲོ་སེང་གདོང་མའི་ཉམས་ལེན་སོགས་ཇི་ལྟར་བརྒྱུད་ཚུལ་བཅས་ཀྱི་བཀའ་སློབ་གནང་འཆར་དང་། ཨ་རི་ས་སྐྱ་དགོན་པའི་ནང་དུ་ཞི་ཁྲོའི་ཉམས་ལེན་སྒོམ་སྒྲུབ་འདི་ཐོག་མ་བདེ་བར་གཤེགས་པ་སྐྱབས་མགོན་བདག་ཆེན་འཇིགས་བྲལ་རིན་པོ་ཆེ་མཆོག་གིས་ཕྱག་བཞེས་ཉམས་ལེན་གནང་འདུག ཚེས ༢༢ ཉིན་གྱི་ཕྱི་དྲོའི་ཆུ་ཚོད ༢:༣༠ ནས་༤ བར་དུ་ཟབ་ཆོས་ཞི་ཁྲོའི་ངོ་སྤྲོད་དང་འབྲེལ་ནང་བསྟན་ཆོས་ལུགས་ལས་ཤི་གསོན་གཉིས་ཀྱི་གནས་བབས་དང་སྲིད་པའི་བར་དོ་དང་པོའི་འོད་གསལ་ངོ་སྤྲོད་ལྟར་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། ཐོད་རྒལ་ཆོས་ཉིད་བར་དོའི་ངོ་སྤྲོད་མཐོང་བ་རང་གྲོལ་ལས་བར་དོ་ཐོས་གྲོལ་བཅས་ཀྱི་ངོ་སྤྲོད་གནང་འཆར་འདུག ( གསལ་བསྒྲགས་འདི་དབྱིན་ཇི་དང་རྒྱ་ཡིག་ཐོག་རེད་འདུག་པས་ཁོ་བོས་གནད་དོན་གཙོ་འདོན་བྱས་ནས་བསྒྱུར་ཁུལ་ཡིན་པས་ནོར་འཁྲུལ་ཡོད་ན་ཡོ་བསྲང་གནང་རོགས།)
དེ་བཞིན་དུ་འདི་ཟླ་བའི་སྤྱི་ཚེས ༢༠ ལ་སྐྱབས་རྗེ་ངོར་ཐར་རྩེ་མཁན་ཆེན་རིན་པོ་ཆེ་མཆོག་ཐེན་ཝན་ལ་ཆིབས་བསྒྱུར་དང་སྦྲགས་ཚེས ༢༠ དགོངས་དྲོར་ཐེན་པེ་台北
སྤྱི་ཚེས་ ༢༡ དགོང་མོར་ཐར་རྩེ་ཆོས་ཚོགས་ཀྱིས་གོ་སྒྲིག་འོག་ངོར་ཐར་རྩེ་མཁན་རིན་པོ་ཆེ་མཆོག་གིས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ན་རོ་མཁའ་སྤྱོད་ཀྱི་བཀའ་དབང་བ་གནང་འདུག (དཔལ་རྡོ་རྗེ་འཕགས་མོའི་( Vajrayogini 金剛瑜珈母 འདིར་ཁོ་བོས་རྡོ་རྗེ་འཕགས་མོར་བསྒྱུར་ཡོད། དབྱིན་ཇི་དང་རྒྱ་ཡིག་གི་ཚིག་འདི་དམིགས་གསལ་ཚིག་མཛོད་ལས་རག་མ་སོང་། ཏག་ཏག་རེད་ཡོད་མེད་མ་ཤེས་པས་ཤེས་ལྡན་པས་བསྒྱུར་རོགས། ) བཀའ་དབང་གནང་འདུག དེ་གར་རྫོང་གསར་ཆོས་ཚོགས་ཀྱི་མཁན་པོ་བཀྲ་ཤིས་རྡོ་རྗེ་གཙོས་མཁན་པོ་རྣམ་པ་དང་དད་ལྡན་རྒྱ་རིགས་ཕོ་མོ་མང་པོ་མཉམ་ཞུགས་གནང་འདུག ༢༠༡༨/༤/༢༡
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།