༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་བཀའ་བརྒྱུད་ཀརྨ་བསོད་ནམས་དར་རྒྱས་ཆོས་ཚོགས་སུ་ཆིབས་བསྒྱུར་གནང་འདུག

༄༅། །དཔལ་མཚན་མཆོག་གསུམ་ལྡན་གྱི་མངའ་བདག་དཔལ་ལྡན་ས་སྐྱ་པའི་བསྟན་པའི་སྲོག་ཤིང་ཆེན་པོ་༸སྐྱབས་མགོན་༸གོང་མ་ཁྲི་རབས་༤༢ པ་རཏྣ་བཛྲ་རིན་པོ་ཆེ་མཆོག་ཟླ་འདིའི་སྤྱི་ཚེས་༢༠ ཉིན་བཀའ་བརྒྱུད་ཀརྨ་བསོད་ནམས་དར་རྒྱས་གླིང་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཞབས་སོར་ཆིབས་བསྒྱུར་བསྐྱངས་བ་དང་ཆོས་ཚོགས་ཀྱི་མཆོག་སྤྲུལ་དྲི་མེད་ཀུན་ལྡན་རིན་པོ་ཆེ་མཆོག་གི་མནྜལ་དང་རྟེན་གསུངས་བསྟར་ཕུལ་གནང་བ་དང་། ༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་དཔལ་ས་སྐྱ་པའི་ཐུན་མིན་གྱི་ཞེན་པ་བཞི་བྲལ་གྱི་བཀའ་ཁྲིད་གནང་བ་དང་མང་ཚོགས་དད་ལྡན་རྣམས་ལ་ཉིན་གུང་གསོལ་ཚིགས་བཅས་གོ་སྒྲིག་གནང་འདུག ༢༠༡༨/༤/༢༡

 

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*