མི་མཐུན་གཡུལ་རྒྱལ་ནི། ཕན་ཚུན་དགྲ་གཤེད་དུ་གྱུར་པའི་སྲོག་ཆགས་གཉིས་རེ་གཟུགས་འདྲེས་མར་བྱས་པ་ཞིག་སྟེ། དེའི་མཚོན་དོན་ནི་གང་ཞིག་མི་མཐུན་པ་ཐམས་ཅད་མཐུན་པར་བྱེད་པ་དང་། མི་མཐུན་པའི་ཕྱོགས་སམ། མི་མཐུན་གཡུལ་ལས་རྣམ་པར་རྒྱལ་བའི་དོན་ཡིན། དེའི་རི་མོར། སེང་གེ་ཁྱུང་གི་གཤོག་པ་ཅན་དང་། ཆུ་སྲིན་དུང་གི་མཇུག་མ་ཅན། ཉ་སྤུ་སྐྱེས་སྲམ་གྱི་སོ་ཅན་བཅས་གསུམ་ཡིན།
༡༽ སེང་གེ་དང་བྱ་ཁྱུང་འདུས་པ་ལས་བྱུང་བའི་གངས་ཀྱི་སེང་གེ་ཁྱུང་གི་མགོ་དང་གཤོག་པ། ཁྱུང་རྭ་ནོར་བུ་འབར་བས་བརྒྱན་པ་ཅན།
༢༽ ཆུ་སྲིན་དང་དུང་འདུས་པ་ལས་བྱུང་བའི་ཆུ་སྲིན་དུང་གི་མཇུག་མ་ཅན་ནམ། ཆུ་སྲིན་དུང་དུ་གནས་པའི་ཚུལ་ལ་མཇུག་མ་པ་ཏྲ་འཁྱིལ་བས་མཛེས་པ།
༣༽ ཉ་དང་སྲམ་འདུས་པ་ལས་སྲམ་གསེར་ཉའི་མགོ་ཅན་ལ་ཁ་སྤུ་དཀར་པོས་མཛེས་པ་བཅས་འདི་གསུམ་གྱི་རི་མོ་གྱང་ལྡེབས་དང་། རྩིག་ངོས་སོགས་སུ་འབྲི་ཚུལ་བོད་ཡུལ་ཡོངས་ལ་ཁྱབ་ཆེ་ཞིང་། ལ་ལས་གོང་གསལ་གྱི་རི་མོ་འདི་དག་དང་། སྟག་དང་འབྲུག་འདུས་པ་ལས་རྒྱ་སྟག་ཁྲ་བོ་གཟིག་འདྲ་བ་ལ་འབྲུག་མགོ་ཅན་བྲིས་ཏེ་ཕྱོགས་བཞིར་འགོད་སྲོལ་ཡང་ཡོད་པར་གྲགས།།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།