རྫོང་གསར་མཁྱེན་བརྩེ་རིན་པོ་ཆེའི་གསུང་འཕྲིན་གསར་པ།

སུ་ལ་དོ་སྣང་ཡོད་པ་དེ་ལ་ཆེད་དུ་ཞུ་རྒྱུ།

ངས་ཤེས་རྟོགས་བྱུང་བ་ལྟར་ན་མི་ཁ་ཤས་ཀྱིས་ཅ་ལག་འགའ་འཇམ་དབྱངས་མཁྱེན་བརྩེ་དབང་པོ་དང་། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་སྐུ་དངོས་ཀྱི་རེད་ཟེར་ཅིང་འཚང་གི་ཡོད་ས་རེད།

གཅིག་བྱས་ན་ཅ་ལག་ཁ་ཤས་དེ་ལྟར་ཡིན་སྲིད། འོན་ཀྱང་གནད་འགག་ཆེ་ཤོས་ནི་དེ་དག་མཁྱེན་བརྩེ་སྐུ་གོང་འོག་གི་ཅ་ལག་ངོ་མ་ཡིན་མིན་དེ་མ་རེད། གནད་འགག་ཆེ་ཤོས་དེ་ཅ་ལག་འདི་དག་སྤྱིར་ཚོང་རྫས་སུ་འགྱུར་མི་བཅུག་རྒྱུ་དང་། ཁྱད་པར་ཚད་ལས་བརྒལ་བའི་རིན་ཐང་སྤྲོད་དགོས་པའི་ཚོང་རྫས་སུ་འགྱུར་མི་བཅུག་རྒྱུ་དེ་རེད།

ངོས་སྒེར་གྱི་སློབ་མ་འགས་ཀྱང་ཀུན་སློང་བཟང་པོས་ཅ་ལག་དེ་དག་སྲུང་སྐྱོབ་བྱེད་པའི་ཆེད་དུ་ཉོ་འདོད་ཡོད་པ་ཤེས་རྟོགས་བྱུང་། ངས་རྣམ་པ་ལྷན་རྒྱས་ཀྱི་ཀུན་སློང་ལ་གུས་རྩི་ཞུ་བཞིན་ཡོད་རུང་། ང་ཚོས་ཁོང་ཚོ་ལ་གནོད་སྐྱོན་ཆེན་པོ་ཅན་གྱི་ཅ་ལག་འདིའི་ཚོང་རྒྱག་འདོད་མེད་པ་བཟོ་ཐུབ་དགོས་རེད། ཧི་མ་ལ་ཡའི་རི་བརྒྱུད་ན་གནས་པའི་དགོན་པ་མང་པོ་ཞིག་ལ་ཚོང་ལས་འདིའི་སྒོ་ནས་དཀའ་ངལ་མང་པོ་སྤྲད་ཟིན་པ་རེད། ཕུགས་རྒྱང་རིང་པོ་ཞིག་ལ་བསམ་མནོ་འདོན་ན་བྱིན་ཆེན་གྱི་ཅ་དངོས་ཅི་འདྲ་ཞིག་ཡིན་རུང་དེ་དག་གོ་བ་ལོག་པར་ཐེབས་པའི་རྐྱེན་དུ་འགྱུར་བའི་ཚོང་རྫས་དང་། མ་རྩ་འཇོག་སའི་ཟོང་ཟོག་ཏུ་ནམ་ཡང་ཆགས་འཇུག་རྒྱུ་མེད།
གལ་ཏེ་ཁྱེད་ཀྱི་ཀུན་སློང་བཟང་པོ་ཡིན་ནའང་ཅ་དངོས་འདི་དག་ཉོས་པ་ཡིན་ནའང་། དོན་དུ་ཁྱེད་ཀྱིས་འཇིག་རྟེན་གཙོ་བོར་རྩི་མཁན་མང་པོ་ཞིག་ལ་གཅིག་ནས་གཅིག་ཏུ་བརྒྱུད་དེ་བསྒོ་བའི་བག་ཆགས་ངན་པའི་བདག་རྐྱེན་བྱེད་ཀྱི་ཡོད་རེད།

དེས་ན་གལ་སྲིད་ཁྱེད་ལ་མ་དངུལ་ལྷག་པོ་གཏོང་རྒྱུ་ཡོད་ན། བརྒྱད་ཁྲི་བཞི་སྟོང་གི་ཚོགས་པ་བརྒྱུད་ནས་སངས་རྒྱས་ཀྱི་གསུངས་པའི་བཀའ་འགྱུར་གྱི་ཤོག་ལྡེབ་རེ་རེ་ཙམ་བསྒྱུར་བའི་སྦྱིན་བདག་གནང་པ་དང་། ཡང་ན་མཁྱེན་བརྩེ་ཐེབས་རྩ་ཚོགས་པ་ལ་རོགས་རམ་བྱེད་ཅིང་ཐ་ན་བཙུན་མ་རེ་རེ་ཙམ་ལ་ཟླ་བ་ཁ་ཤས་རིང་དུ་སྐུ་མཚམས་བཞུགས་པའི་མཐུན་རྐྱེན་སྦྱོར་རྒྱུ་དང་། ཀོམ་བྷོ་ཌའི་གྲྭ་བ་གཅིག་ལ་ཤེས་ཡོན་སྤྲོད་པའི་སྦྱིན་བདག་བྱེད་ཐུབ་ན་དེ་ཉིད་ཁེ་ཕན་མང་གི་ཡོད་རེད་ཅེས་ཞུ་རྒྱུ་ཡིན་ལ་དེ་ལྟར་རྣམ་པ་ལྷན་རྒྱས་ཀྱིས་བྱེད་རྒྱུ་ནི་ངའི་རེ་བ་ཡང་དེ་ཡིན་ནོ།།

རྫོང་གསར་འཇམ་དབྱངས་མཁྱེན་བརྩེས།

༼རིན་པོ་ཆེའི་གསུང་འཕྲིན་འདི་དོན་ཀུན་གྲུབ་པའི་ངོ་དེབ་ཐོག་ལ་དབྱིན་ཇིས་སྐད་ཐོག་ལ་བཞག་འདུག་པས་གཟི་བརྗིད་མཐའ་ཡས་ཀྱིས་འཕྲལ་མར་བོད་བསྒྱུར་ཞུས་ནས་སྤེལ་།༽

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*