༄༅། །སྤྱི་ལོ ༢༠༡༨སྤྱི་ཟླ་༤ ཚེས་༣༠ ཉིན་༸སྐྱབས་མགོན་༸གོང་མ་འཇིགས་བྲལ་བདག་ཆེན་རྡོ་རྗེ་འཆང་གི་དགོངས་རྫོགས་རྗེས་དྲན་ཐེངས་གཉིས་པ་ཨ་རི་དཔལ་ས་སྐྱ་དགོན་པར་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་བླ་མཆོད་འཚོགས་རྒྱུ་གནང་བ་དང་། ཁ་རྩང་དཔལ་ལྡན་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་༤༢་པ་ཆེན་པོ་མཆོག་གིས་བྱང་ཨ་རི་སྟོབས་ཆེན་རྒྱལ་ཁབ་ས་གནས་Seattle (སི་ཡ་ཀྲོལ་) སུ་དཔལ་དུས་ཀྱིས་འཁོར་ལོའི་དབང་ཆེན་གནང་བཞིན་པ་རེད་འདུག དཔལ་ཕུན་ཚོགས་ཕོ་བྲང་གི་འཁོན་གདུང་རྣམ་པ་དང་རྗེ་བཙུན་མ་རྣམ་པ། སྐུན་ཞབས་བདག་མོ་རྣམ་པ། ཨ་རི་ཕུན་ཚོགས་ཕོ་བྲང་དགོན་པའི་མཁན་རིན་པོ་ཆེ་བྱམས་པ་བསྟན་འཕེལ་མཆོག དེ་བཞིན་དུ་གཉུག་མ་གནས་པའི་དགེ་འདུན་རྣམ་པ། རྒྱ་བོད་དབྱིན་སོགས་ཀྱི་དད་ལྡན་ཆོས་ཞུ་བ་མི་མང་བརྒྱ་ཕྲག་བརྒལ་བ་ཕེབས་ནས་མགོན་པོ་མཆོག་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྩལ་གནང་འདུག
Leave a Reply