༸སྐྱབས་མཆོག་འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་སྤྱི་ཚེས ༥ ཉིན་རྒྱ་གར་བྱང་ཤར་འབྲས་ལྗོངས་སྒང་ཐོག་ཆིབས་བསྒྱུར་གནང་བར་དང་སྦྲགས་ས་གནས་འགན་འཛིན་དང་དགོན་སྡེ་གྲྭ་ཚང་གི་སྐུ་ཚབ་རྣམ་པ་དང་། ཚོགས་པ་ཁག་གི་འགོ་ཁྲིད་གཙོས་མི་མང་ཚོས་ཕེབས་བསུ་དང་། དེ་རིང་རྡོ་རྗེ་གླིང་དུ་ཞབས་སོར་བདེ་བར་འཁོད་ནས་༸སྐྱབས་མགོན་བདེ་བར་གཤེགས་པ་༸གོང་མ་བདག་ཆེན་རྡོ་རྗེ་འཆང་གི་དགོངས་རྫོགས་མཆོད་འབུལ་ཆེད་ཕྱི་ཟླ་ ༥ ཚེས་ ༦ ནས་བཟུང་ཉིན་བཞིའི་རིང་རྡོ་རྗེ་གླིང་ས་སྐྱ་གུ་རུ་དགོན་དུ་འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་དབུ་བཞུགས་ཐོག་དཔལ་རྡོ་རྗེ་ཕུར་པའི་སྒྲུབ་ཆེན་ཚོགས་པ་རྒྱས་པ་ཞིག་ཚོགས་འཆར་བཅས་ཡོད་འདུག ༢༠༡༨/༥/༦
རྩོམ་སྒྲིག་པ་གདོང་མཁན།
རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >>
རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།