- དེ་རིང་སྟེ་བོད་ཟླ་ ༣ ཚེས་ ༢༢ ཉིན་འདིར་བདག་ཅག་རྣམས་ཀྱི་མགོན་དཔུང་དམ་པ་༸སྐྱབས་མགོན་བདེ་བར་གཤེགས་པ་༸གོང་མ་བདག་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་ལོ་གཉིས་ཧྲིལ་པོ་འཁོར་བའི་དགོངས་རྫོགས་དུས་ཆེན་དང་སྟབས་བསྟུན་མགོན་པོ་གང་གི་ཐུགས་རྗེའི་སྐྱབས་འོག་ཏུ་ཚུད་པའི་བདག་ཅག་སྐལ་ལྡན་སློབ་འབངས་དམ་ཚིག་དང་བྱིན་རླབས་ཟབ་མོའི་འབྲེལ་བ་ཐོབ་པ་རྣམ་པ་སོ་སོས་མཆོད་འབུལ་རྒྱ་མི་ཆུང་བ་རེ་གནང་རྩིས་ཡོད་ངེས་པར་སོང་དེ་དག་ལ་བཅོས་མིན་སེམས་གཏིང་ནས་རྗེས་སུ་ཡི་རང་ཞུ་རྒྱུ་མ་ཟད། ལྷག་དོན་དུ་བླ་མའི་གསུང་གི་བདུད་རྩི་ལས་བྱུང་བའི་སྙིང་པོ་བྱམས་སྙིང་རྗེ་དང་རིན་ཆེན་བྱང་ཆུབ་ཀྱི་སེམས་དེ་དག་དུས་ནམ་ཡང་འབྲལ་བ་མེད་པར་སེམས་ལ་བཅངས་སྟེ། སེམས་ཅན་ཀུན་ལ་ཕན་པ་སྒྲུབ་གང་ཐུབ་དང་། གལ་སྲིད་དངོས་སུ་ཕན་པ་སྒྲུབ་མ་ཐུབ་ཀྱང་གནོད་པའི་བསམ་པ་དུས་ནམ་ཡང་མི་བྱེད་བསམ་པའི་དམ་བཅའ་དེ་བླ་མ་དགྱེས་པའི་མཆོད་པ་མཆོག་ཏུ་གྱུར་པ་ཡིན་པས་དེ་ལུགས་ཚང་མས་ཐུགས་ལ་འཇགས་པར་འཚལ།། ༢༠༡༨/༥/༧
༸སྐྱབས་རྗེ་འཁོན་རིགས་ཨ་བི་ཀྲྀ་ཏ་བཛྲ་མཆོག་གི་ངོ་དེབ་ལས་བཤུས།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།