ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༤ པའི་ཚེས་ ༡༦ ཉིན། སླ་བ།
ཉམས་ཞིབ་པ་ཞིག་གིས་ཉལ་ཕྱི་བ་ནི་ང་ཚོའི་འཕྲོད་བསྟེན་ལ་གནོད་པ་མ་ཟད། དེས་ང་ཚོའི་ཚེ་ཐག་ཀྱང་ཐུང་དུ་གཏོང་སྲིད་ཅེས་བཤད། ཞིབ་འཇུག་དེ་ཨ་རིའི་ནང་དུ་བྱས་ཤིང་། དེ་ཡང་ཉམས་ཞིབ་པ་མང་པོས་ལོ་དྲུག་དང་ཕྱེད་ཙམ་སྤྱད་ནས་ལོ་སོ་བརྒྱད་ནས་དོན་གསུམ་བར་གྱི་མི་བཞི་འབུམ་སུམ་ཁྲིའི་མི་ཚེའི་སྤྱོད་ལམ་ལ་ཞིབ་འཇུག་བྱས། ཞིབ་འཇུག་དེའི་མཇུག་ཏུ་ཁོང་ཚོས་ཉལ་སྔ་ཕྱིའི་མིའི་འཆི་བར་མཚུངས་བསྡུར་བྱས་པ་དང་། ཞིབ་འཇུག་དེའི་རིང་ཁོང་ཚོས་མཚན་མོའི་འུག་པ་(ཉལ་ཕྱི་མཁན)རྣམས་བརྒྱ་ཆ་བཅུས་མང་བར་ཤི་བ་གསར་རྙེད་བྱུང་། ཉམས་ཞིབ་པ་ཚོས་མཚན་མོའི་འུག་པ་རྣམས་སྔ་བྱ་(ཉལ་སྔ་མཁན)ལས་འཆི་བའི་ཉེན་ཚབས་ཆེ་བ་དང་། མཚན་མོའི་འུག་པ་རྣམས་སྔ་བྱ་དང་བསྡུར་ན་འཕྲོེད་བསྟེན་ཡང་ཧ་ཅང་གི་སྐྱོ་བ་ཡོད་པའི་མཇུག་སྡོམ་བརྒྱབ་འདུག ། ཉམས་ཞིབ་པ་དེ་ཚོས་མཚན་མོའི་འུག་པ་ཚོའི་འཕྲོེད་བསྟེན་གྱི་ཉེན་ཚབས་ཆུང་དུ་གཏང་བའི་ཕྱིར་དུ་སྤྱི་ཚོགས་དང་ལས་རིམ་ལ་འགྱུར་བ་གཏང་དགོས་ཞེས་བཤད་ཅིང་། དེ་ཡང་ཞིབ་འཇུག་པ་མལ་ཀོམ། ཝན། སི་ཅེན་ཊི་ཛི་ཡིས་འདི་ནི་མི་མང་གི་འཕྲོད་བསྟེན་གྱི་གནད་དོན་ཡིན་པས་སྣང་མེད་དུ་གཏང་མི་རིགས་ཞེས་གསུངས། ཁོང་གིས་མཚན་མོའི་འུག་པ་རྣམས་ལ་ཉིན་མོར་ལས་མགོ་འཛུགས་པ་དང་ལས་མཚམས་འཇོག་པ་བཅས་ཕྱི་པོ་ཡོང་ཆོག་པ་དགོས་པའི་དགོངས་ཚུལ་བཏོན་ཅིང་། རྒྱུ་མཚན། དེས་ཁོང་ཚོ་ཞོགས་པ་ཡུན་རིང་དུ་གཉིད་པའི་ལོང་ཡོད་པ་ཡིན། ཉམས་ཞིབ་པ་དེ་ཚོས་མཚན་མོའི་འུག་པ་རྣམས་སེམས་ནད་དང་། གཅིན་སྙི། ཕོ་བ་དང་དབུགས་ཀྱི་དཀའ་ངལ་ལས་བྱུང་བའི་སྡུག་བསྔལ་བྱུང་ཆེ་བ་དང་། ཁོང་ཚོ་ནི་ཐ་མ་དང་ཉལ་ཐ་འཐེན་པ། ཚིག་ཇ་དང་ཆང་རག་འཐུང་བ་བཅས་བཅས་བྱུང་འདུག་པར་བཤད། གཟའ་མཇུག་(༡)དང་ལས་གཟའི་(༢)རིང་དུ་མི་འདྲ་བའི་གཉིད་ཀྱི་ལམ་སྲོལ་གྱིས་མཚན་མོའི་འུག་པ་རྣམས་ཀྱི་འཕྲོད་བསྟེན་གྱི་དཀའ་ངལ་ཆེ་རུ་འགྲོ་སྲིད་པ་ཡང་བཤད་དོ། །
ཡོང་ཁུངས།BreakingNewsEnglish ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༥ ཚེས་ ༧ ཉིན་ཀ་ཅས་བསྒྱུར།
(༡) Weekend གཟའ་མཇུག ། གཟའ་ཉི་མ་དང་སྤེན་པ། (སྒྱུར་མཁན་གྱི་མཆན།)
(༢) Week day ལས་གཟའ། གཟའ་ཉི་མ་དང་སྤེན་པ་མིན་པའི་གཟའ་ལྔ། ཐ་སྙད་འདི་སྒྱུར་མཁན་གྱིས་གསར་དུ་བྱས་པའོ། །(སྒྱུར་མཁན་གྱི་མཆན།) བསྒྱུར་པ་པོ། ཀ་ཅ།
Leave a Reply