ཁ་ཉིན་དཔལ་ས་སྐྱའི་གདུང་སྲས་ཨ་བི་ཀྲྀ་ཏ་བཛྲའམ་འགྱུར་མེད་རྡོ་རྗེ་མཆོག་གི་སྐུའི་འཁྲུངས་ཚེས་དགེ་བའི་ཉིན་མོར་དཔལ་རྫོང་གསར་བཤད་གྲྭའི་མཁན་སློབ་འདུས་མང་ཡོངས་ནས་ཟབ་རྒྱས་བརྩི་སྲུང་གནང་འདུག
ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༢༠ ཉིན་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་སུ་༧ སྐྱབས་རྗེ་གདུང་སྲས་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་དང་། ༧ སྐྱབས་རྗེ་གདུང་སྲས་ཨ་བྷ་ཡ་བཛྲ་རིན་པོ་ཆེ་མཆོག་རྣམ་གཉིས་དབུ་བཞུགས་ཐོག་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཀྱི་འདུས་མང་ཡོངས་ཀྱིས་༧ སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་སྐུ་རིམ་སྔ་དྲོ་སྒྲོལ་དཀར་སྦྱིན་སྲེག་འབུམ་ཚོགས་དང་། ཕྱི་དྲོ་ཚེ་ལྷ་རྣམ་གསུམ་གྱི་ཆོ་གསུངས་གནང་འདུག
འཇམ་དཔལ་དཔའ་བོའི་སྤོབས་པའི་གཏེར་ཆེན་ཚོགས།།དབྱངས་ཅན་དགའ་མས་གཅིག་ཏུ་སྤུངས་པའི་དཔྱིད།།བསྟན་པའི་སྤྱི་ནོར་སྲིད་མུན་དྲུང་འབྱིན་པའི།།ཐེག་ཆེན་ཆོས་ཀྱི་ཉི་མ་འཚོ་བཞེས་གསོལ།།དེ་རིང་ཧོར་ཟླ་༤ཚེས་༨ ཉིན་ཆོས་སྐྱོང་གུར་གྱི་མགོན་པོའི་དུས་ཆེན་ཉིན་དང་བསྟུན་༧སྐྱབས་རྗེ་འཁོན་གྱི་གདུང་སྲས་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་དང་༧སྐྱབས་རྗེ་འཁོན་གྱི་གདུང་སྲས་ཨ་བྷ་ཡ་བཛྲ་རིན་པོ་ཆེ་མཆོག་རྣམ་གཉིས་དབུ་བཞུགས་ཐོག་དཔལ་འཕགས་ཡུལ་རྫོང་གསར་བཤད་གྲྭ་ཆོས་ཀྱི་བློ་གྲོས་འདུས་མང་ནས་རིགས་ཐམས་ཅད་ཀྱི་བདག་པོ་དང་དཀྱིལ་འཁོར་ཐམས་ཅད་ཀྱི་གཙོ་བོ། ༧སྐྱབས་མཆོག་འཁོར་ལོའི་མགོན་པོ། ངོར་ཆེན་རྒྱལ་བའི་རྒྱལ་ཚབ་ཤར་ཆེན་ཀླུ་སྡིངས(ལྡིང) པ་མཁན་ཆེན་རྡོ་རྗེ་འཆང་འཇམ་དབྱངས་བསྟན་པའི་ཉི་མ་མཆོག་གི་སྐུ་རིམ་དུ་གཏུམ་ཆེན་མ་འབུམ་ཚོགས་བཞིན་པའི་འདུག ༢༠༡༨/༥/༢༢
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།