རྩོམ་པ་པོ། གསེར་སྨྱུག
ལྷ་གཡག་རྒོད་པོའི་ཉམས་འགྱུར་གཟུགས་དབྱིབས་དང་།།
སྤུ་མདོག་ཁ་དོག་སྣ་ཚོགས་མཛེས་སྡུག་ཅན།།
འདྲེན་བྱེད་ལམ་དུ་མངོན་སུམ་བཞད་པའི་ཚེ།།
ཕ་ས་གངས་ལྗོངས་ཡིད་ལ་ཝལ་ལེར་འཆར།།
གཡག་རྒོད་རོག་པོ་ལྷ་སྲུང་འཁོར་རྟེན་དང་།།
གངས་ཅན་བོད་ཀྱི་ཐུན་མིན་ཁྱད་ཆོས་ཡིན།།
ས་གནས་འདི་རུ་འབྱོར་བ་མཇལ་བའི་ཚེ།།
ཕ་ས་གངས་ལྗོངས་ཡིད་ལ་ཝལ་ལེར་འཆར།།
གཡག་དཀར་རྒོད་པོ་སྒ་སྟན་སོགས་ཀྱིས་བརྒྱན།།
དཔལ་འབྱོར་མཁོ་སྒྲུབ་ཆེད་དུ་སྤྱོད་པ་འདི།།
ཞིང་སྨོ་ཁལ་བཀལ་སོགས་དང་བསྡུར་བའི་ཚེ།།
ཕ་ས་གངས་ལྗོངས་ཡིད་ལ་ཝལ་ལེར་འཆར།།
གཡག་རྒོད་ལ་སོགས་བཀོལ་སྤྱོད་བཟང་ངན་ནི།།
མེས་པོ་སྲོལ་རྒྱུན་འདི་དང་འབྲེལ་ན་ཡང་།།
དུས་དང་མཚམས་པའི་བེད་སྤྱོད་དགོས་སོ་ཞེས།།
ཕ་ས་གངས་ལྗོངས་ཕྱོགས་ལ་བརྡ་འདི་སྤྲིངས།།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།