༧ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་ཆི་ཁཱ་སྒོར་ཞབས་སོར་འཁོད་པ།

༧ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་སྐུ་ཕྲེང་༤༡ མཆོག་སྤྱི་ལོར་ 2018 ལོའི་སྤྱི་ཟླ་བརྒྱད་པའི་ནང་ལྷའི་བུ་མི་ཡུལ་དུ་བྱོན་པ་ལྟར་དགའ་དད་སྤྲོ་གསུམ་གྱིས་བྱང་ཨ་རིས་ས་གནས་ཆི་ཁྭ་སྒོ་རུ་དད་ལྡན་མི་མང་རྣམས་ཀྱིས་ཁ་དར་དཀར་བོ་དང་དྲི་ཞིམ་སྤོས་ཀྱིས་དུད་པའི་ཁྲོད་ནས་དངོས་སུ་ཞབས་སོར་བཀོད། གུས་པའི་བརྩེ་བའི་གྲོགས་དབྱིན་བོད་ཕོ་མོ་རྣམས་དང་བརྩེ་བའི་ནང་མི་སྤུན་མཆེད་ལ་སོགས་པའི་རྒྱབ་བསྐྱོར་འོག་༧ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་མཆོག་མི་འདོད་པའི་རྐྱེན་ཅི་ཡང་མེད་པར་གདན་ཞུ་ཐུབ་པ་འདི་ནི་བརྗོད་ནས་རྫོགས་དཀའ་བའི་སྤྲོ་དགའ་བའི་ཡུལ་དང་། བདག་ཅག་རྣམས་ཀྱི་སྐྱེ་བ་ནས་སྐྱེ་བར་བསགས་པའི་བསོད་ནམས་དང་སྨོན་ལམ་དང་དམ་ཚིག་གཙང་མའི་མཐུ་ལས་བྱུང་བ་སྨྲས་ཅི་དགོས། སྐབས་འདི་དང་བསྟུན་ནས་ཁོང་གི་ལོ་རྒྱུས་མཛད་རྣམ་དང་། བོད་དུ་ཡོད་པའི་ཁོང་གི་དགོན་པ་ཁག་དང་སྐུ་པར་སྙིང་པ་ལ་སོགས་འགྲེམས་སྟོན་མཛད། དེ་བཞིན་དམིགས་བསལ་ཀྱི་ཉིན་དང་པོར་དབྱིན་ཇི་དང་བོད་པའི་ཆོས་གྲོགས་རྣམས་ལ་གསུང་ཆོས་”ཞེན་པ་བཞི་བྲལ་”གྱི་གསུང་ཆོས་གནང་མ་ཟད་མཇུག་ཏུ་དྲི་བ་དྲིས་ལན་གྱི་གོ་སྐབས་ཀྱང་གནང་། ཕོ་བ་དང་ཚེ་དབང་། ཚེ་སྒྲུབ། བཀའ་སློབ་ལམ་སྟོན་སོགས་ཀྱང་གནང་། བོད་པའི་གསར་སྐྱེས་ཨ་རི་ནས་འཚར་ལོངས་བྱུང་བའི་སློབ་ཕྲུག་བྱེས་པ་རྣམས་ལ་བོད་ཀྱི་སྐད་ཡིག་རིག་གཞུང་སྲུང་སྐྱོབ་བྱེད་ཕྱོགས་ཐད་བཀའ་སློབ་གནང་བ་མ་ཟད། “བོད་ཀྱི་སྐད་དང་རིག་གཞུང་བདག་པོ་གནང་བའི་གོ་སྐབས་དམིགས་བསལ་བ་ཞིག་ནི་ཕ་མའི་་ངོས་ནས་སོ་སོའི་བུ་ཕྲུག་མཉམ་དུ་བོད་སྐད་གཙང་མ་བསྐྱོན་རྒྱུ་དེ་གལ་ཆེན་དོན་ཆེན་ཡིན་སྐོར་ཁོང་གིས་བཀའ་སློབ་ནན་མོར་གསུངས་སོང་། རེས་གཟའ་ཉི་མར་མཛད་སྒོར་༼མི་རིགས་མཐུན་སྒྲིལ་ཀྱི་རྐང་རྩེད་སྤོ་ལོ་འགྲན་བསྡུར་༽བལ་བོ་དང་བོད་་པའི་བར་འགྲན་རྩོད་ཀྱིས་མཐའ་མའི་རྒྱལ་ཁ་བལ་བོ་ཚོར་ཐོབ་ནས་༧ས་སྐྱ་གོང་མ་རིན་པོ་ཆེ་མཆོག་གི་ཕྱག་ནས་བལ་ཡུལ་ཀྱི་རྩེད་མོ་འགྲན་བསྡུར་བ་རྣམས་ལ་ཕྱག་རྟགས་ཕུལ་ནས་མཛད་རིམ་རྣམས་དགའ་བ་དང་སྤྲོད་སྣང་ལྡན་པའི་ངང་ལེགས་པར་གྲུབ་ཡོད།
2018 སྤྱི་ཟླ་ 9 པའི་ཚེས་ 8 ཉིན་བྲིས། །

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*