ཉེ་ཆར་ཡོངས་རྫོགས་བསྟན་པའི་མངའ་བདག་འཛམ་གླིང་འགྲོ་བ་ཡོངས་ཀྱི་སྐྱབས་གནས་དམ་པ། དཔལ་ས་སྐྱའི་ཁྲི་འཛིན་ཞེ་གཉིས་པ་ཆེན་པོ་སྐྱབས་མགོན་གོང་མ་རཏྣ་བཛྲ་རིན་པོ་ཆེ་མཆོག་རྒྱ་གར་བྱང་ཤར་བོད་གཞིས་ཁག་ཏུ་ས་སྐྱ་པའི་དགོན་པ་དང་སྒྲུབ་སྡེ། སློབ་གྲྭ་ཁག་དང་། དེ་བཞིན་དུ་བོད་མིའི་གཞིས་གྲོང་ཁག་ཏུ་གཏན་ཉིན་སློབ་གྲྭའི་ཁག་ཏུ་ཕེབས་ནས་བཀའ་སློབ་ཟབ་རྒྱས་གནང་བ་དང་། འཇམ་དབྱངས་ཀྱི་རྗེས་གནང་དང་། འཇམ་དབྱངས་གཟུངས་སྔགས་གནང་བ། མི་མང་ལ་བཀའ་བསྒོ་བགེགས་བསྐྲད་གནང་། དེ་ཡང་ཐོག་མ་རྒྱ་གར་བྱང་ཤར་གུམ་ས་སྐྱ་དགོན་དུ་ཕེབས་པ་དང་། ཁར་ཤང་ས་སྐྱ་ཀུན་དགའ་བཤད་སྒྲུབ་གླིང་། མི་རིག(མཻཏྲཱི) ས་སྐྱ་དགོན། རངས་སྤུངས་ས་སྐྱ་བཤད་གྲྭ་ཕེབས་པ་བཅས་ནས་རབ་གནས་མཛད་སྒོ་སོགས་གནང་འཆར་ཡོད་འདུག དེ་ཡང་ཟླ་བ་༡༠ པའི་ཚེས ༥ ཉིན་རྡོར་གླིང་ས་སྐྱ་གུམ་དགོན་དུ་དྲོ་༨ ནས་ཐུབ་པ་དམ་ཚིག་གསུམ་བཀོད་རྗེས་གནང་། གནས་བརྟན་བཅུ་དྲུག་གི་རྗེས་གནང་། རིགས་གསུམ་སྤྱིའི་རྗེས་གནང་། ཉིན་རྒྱབ་ཆུ་ཚོད ༢ པ་ནས་ཇོ་ལུགས་སྒྲོལ་མའི་རྗེས་གནང་། བཀའ་གདམས་ལྷ་བཞིའི་ཡ་གྱལ་སྤྱན་རས་གཟིགས་ཀྱི་རྗེས་གནང་། འབྱུང་འདུལ་གྱི་རྗེས་གནང་། ཚེས ༦ ཉིན་རྒྱབ་ནས་བར་དོ་ངོ་སྤྲོད་དང་ཀུན་རིག་རྩ་བའི་དབང་། ཚེས ༧ ཉིན་ལ་མི་མང་ལ་ཚེ་གནང་། ཚེས༨/༩ ལ་སྨན་བླའི་དབང་ཆེན་གནང་། ཚེས ༡༠ ཉིན་ལ འཇམ་དབྱངས་གང་བློ་མའི་རྗེས་གནང་། རྣམ་རྒྱལ་མའི་རྗེས་གནང་། འཆི་མེད་ཚེ་ལྷ་གསུམ་གྱི་རྗེས་གནང་། ཉིན་རྒྱབ་ལ་ཕུར་པའི་གཏོར་དབང་། མགོན་དཀར་རྗེས་གནང་། རྡོ་རྗེ་སེམས་དཔའི་བཟླས་ལུང་། ཚེས ༡༡/༡༢ རྡོར་གླིང་མཁའ་ཤང་ས་སྐྱ་ཀུན་དགའ་བཤད་སྒྲུབ་གླིང་ཆིམས་བསྒྱུར་གནང་ནས་མི་མང་བཀའ་སློབ་དང་ཚེ་དབང་གནང་། ཚེས ༡༣ ཉིན་པ་ཤུ་པ་ཏི་ལ་ས་སྐྱ་བསམ་འགྲུབ་དགོན་དུ་ཆིམས་བསྒྱུར་གནང་། ཚེས ༡༤/༡༥/༡༦ ལ་རཱིམ་བཱིག་ས་སྐྱ་ཆོས་འཕེལ་གླིང་བཤད་གྲྭར་ཆིམས་བསྒྱུར་གནང་ནས་རབ་གནས་མཛད་སྒོ་སོགས་བྱེད་འཆར། ཚེས ༡༩ རཱིམ་བཱིག་བཤད་གྲྭ་ནས་གུམ་ས་སྐྱ་དགོན་ཆིམས་བསྒྱུར་གནང་འཆར་འདུག ཚེས ༡༩ ཉིན་ཀཱ་ལ་སྤུངས་ལ་ཆིམས་བསྒྱུར་གནང་འཆར་འདུག
༢༠༡༨/༡༠/༡༤ རྡོར་གླིང་ནས་སྤེལ
Leave a Reply