ཚོར་རྗེན་གསོན་པོ།
གདོང་མཁན་པས།
ཨ་རོགས་མཛའ་གཅུགས་མ་མཇལ་གྲོགས་པོ།།
ཧ་གཉིད་སད་པའི་སུག་བྲིས་སྙན་དངགས།།
ཨ་ཇོ་འབའ་སྲས་དྲང་མདའ་ལམ་ནས།།
ཧ་ཡོ་ཁག་བའི་དབུགས་འབྱིན་གནང་ཐལ།།
ས་མཐའ་འདི་ནས་ས་ཁོངས་མ་རྩེད།།
ཤ་གཅུས་སྦྲེལ་པའི་ཤ་ཉེ་སྤུན་མཆེད།།
ལ་ཁ་སྒང་ནས་ལ་གླུ་གཏོང་དང་།།
ར་མདའ་དཔུང་རོགས་ར་འཕྲོད་རྙེད་ཡོང་།།
ཡ་ཐོག་མེས་པོའི་ཡ་རབས་སྤྱོད་བཟང་།།
འ་ཅག་བཙན་བྱོལ་འ་འུར་མ་གནང་།།
ཟ་ཉལ་འགྲོ་སྤྱོད་ཟ་ཕྲུག་མ་ལངས།།
ཞ་ཆག་འཐེང་འཁུམ་ཞ་འཐེང་འགྲོ་དཀའ།།
ཝ་ཁྱུ་དཔང་སྒྲིག་ཝ་སྐད་རྒྱག་ན།།
མ་ཡུལ་གངས་ལྗོངས་མ་དག་གནས་ལ།།
བ་མཛོ་འདྲེས་མའི་བ་ཕྲུག་མི་རྙེད།།
ཕ་ཁག་བུ་དཀྲི་ཕ་གཞིས་ཤོར་ནས།།
པ་རུ་རྩམ་སྣོད་པ་རམ་མེད་པར།།
ན་བཟའ་རྫིག་པོ་ན་ནིང་ཡོད་ལུགས།།
ད་ནངས་བཤད་ན་ད་ཕན་མི་ཡོང་།།
ཐ་ཐོར་སྤྱོད་ངན་ཐ་ཆད་འདི་རྣམས།།
ཏ་ཐཱ་ག་ཏ་ཏཱ་ལའི་བླ་མའི།།
ཉ་དྲུག་འཛོམས་པའི་ཉ་གང་ཟླ་བར།།
ཇ་གདན་སྣོད་དུ་ཇ་མར་བླུགས་པ།།
ཆ་བགོས་བོད་གཞིས་ཆ་མཉམ་གནང་བར།།
ཅ་ནོར་ཇི་མཆིས་ཅ་ཟིང་མེད་པ།།
ང་རྒྱལ་ཁེངས་དྲེགས་ང་རོ་མེད་པ།།
ག་འགྲོ་ག་འདུག་རྒྱ་གར་ལུང་པར།།
ཁ་སྒྲོས་ཡོད་ཚེ་ཁ་གཏོང་མ་གནང་།།
ཀ་གཏུགས་འུ་ཐུག་ཀ་མེད་མ་བྱེད།།
ཧ་གཉིད་སད་ནས་བོད་དོན་གནས་སུ།།
ཧ་གོ་དོན་རྟོགས་ཏཱ་ལའི་བླ་མར།།
ཨ་གསར་མེད་པར་སྙིང་ནས་དད་འདུད།།
ཨ་ཅང་དད་ལྡན་ཨ་རོགས་གདོང་མཁན།།
ཀ་དག་དྲི་མེད་མགྲིན་པའི་ལམ་ནས།།
ཁ་ཙམ་མིན་པ་སྙིང་ནས་དད་པ།།
ག་འགྲོ་གར་འདུག་དྲན་དབང་ངོས་སུ།།
ང་བ་དད་པའི་དྲི་ཐུལ་ཆེའོ།།
དགེན་འབའ་སྲས་པས་སྙན་དངགས་ལས་ཁོ་བོ་གདོང་མཁན་པར་ཚོར་རྗེན་གསོན་པོས་ལས་ཁང་ནས་མགྲིན་ལག་ནས་ཐལ།། ༢༠༡༨/༡༡/༩
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།